རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ ༡༡ པའི་ཚེས ༡༡ ཉིན་ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་གཉིས་དང་ཨང་དྲུག་ཅུ་རེ་གསུམ་པར་མཚན་རྟགས་བཀོད་ཡོད་པ་རེད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་གཉིས་པའི་ནང་། ༼རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩོམ་དབང་བཅའ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་གཏན་འབེབས་༽དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་གསུམ་པའི་ཐོག་སྤྱི་ལོ ༢༠༢༠ ལོའི་ཟླ ༡༡ པའི་ཚེས ༡༡ ཉིན་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ། སྤྱི་ལོ ༢༠༢༡ ལོའི་ཟླ ༦ པའི་ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།
ཀྲུའུ་ཞིའི་བཀའ་རྒྱ་ཨང་དྲུག་ཅུ་རེ་གསུམ་པའི་ནང་། ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་འགན་སྲུང་བཅའ་ཁྲིམས༽དེ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉི་ཤུ་རྩ་གསུམ་པའི་ཐོག་སྤྱི་ལོ ༢༠༢༠ ལོའི་ཟླ ༡༡ པའི་ཚེས ༡༡ ཉིན་གྲོས་འཆམ་བྱུང་ཡོད་པ་དང་། ད་ལྟ་ཡོངས་བསྒྲགས་བྱས་ཏེ། སྤྱི་ལོ ༢༠༢༡ ལོའི་ཟླ ༡ པོའི་ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་རྒྱལ་སྤྱིའི་ཚན་རྩལ་དང་གསར་གཏོད་གླེང་སྟེགས་སྐབས་དང་པོའི་ཚོགས་ཆེན་འགོ་ཚུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་གིས་ཁོང་ལ་མཛའ་གྲོགས་བྱས་རྗེས་ཀྱི་གཟེངས་རྟཊ་གནང་བ། ཞི་ཅིན་ཕིང་རྒྱལ་ཡོངས་མི་འབོར་ཡོངས་བཤེར་ནང་ཞུགས་པ། ཞི་ཅིན་ཕིང་གིས་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་སྟེ་ཀྲུང་གོ་དང་དབྱི་ཐ་ལིའི་བར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་༥༠འཁོར་བར་རྟེན་འབྲེལ་ཞུས་གནང་བ། ༼བདེན་འཚོལ༽དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ།