ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས༼དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོའི་སྲོལ་ཡིག་ཚོད་ལྟ༽ཅེས་པ་ཁྱབ་བསྒྲགས་བྱས་པ།
ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་གནང་ནས། ༼དམག་དཔུང་གི་དམག་དོན་ལས་རིགས་སློབ་གསོའི་སྲོལ་ཡིག་ཚོད་ལྟ༽ཅེས་པ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ལོ ༢༠༢༡ ལོའི་ཟླ ༡ ཚེས ༡ ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།
༼སྲོལ་ཡིག༽ནང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་དམག་དོན་སློབ་གསོའི་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བ་དང་ཆེད་ལས་ཅན་གྱི་དམག་དོན་ཤེས་ལྡན་མི་སྣ་གསར་པ་གསོ་སྐྱོང་བྱེད་པར་གཞིགས་པ་དང་། རྟག་ཏུ་སློབ་སྦྱོང་དང་། གང་སར་སློབ་སྦྱོང་། ཚང་མས་སློབ་སྦྱོང་། ཚེ་གང་སློབ་སྦྱོང་བཅས་ཀྱི་རྣམ་པ་ཆགས་པར་དམིགས་ཏེ། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་མཐའ་འཁྱོངས་དང་། འགན་འཁྲི་དང་ལས་འགན་དང་། ལས་ཐོག་འགན་སྒྲུབ། ལས་རིགས་འཕེལ་རྒྱས་བཅས་ལ་དམ་པོར་བསྟུན་རྒྱུ་མཐའ་འཁྱོངས་དང་། དྲ་རྒྱ་ཅན་དང་། སྒོ་དབྱེ་ཅན། ཁྱོན་ཡོངས་ལ་ཁྱབ་པ་བཅས་ཀྱི་དམག་དོན་ལས་རིགས་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་བ། སྤྱི་ཁོག་ནས་དམག་དོན་ལས་རིགས་སློབ་གསོའི་ལམ་ལུགས་དང་ལམ་སྲོལ་བཙུགས་པས། དམག་དོན་ལས་རིགས་སློབ་གསོ་འཛུགས་སྐྱོང་དང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་དམག་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་གསར་པ་འཛུགས་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ༼སྲོལ་ཡིག༽དེར་ཁྱོན་ལེའུ ༨ དང་དོན་ཚན ༤༣ ཡོད་པ་དང་། དམག་དོན་ལས་རིགས་སློབ་གསོའི་ཁ་གཏད་ཀྱི་ཁྱབ་ཁོངས་དང་། རྩ་འཛུགས་ཀྱི་རྣམ་པ། དུས་རབས་ཀྱི་བླང་བྱ་སོགས་གཞི་རྩའི་ནང་དོན་གཏན་འཁེལ་བྱས་པ་དང་། ཀྲུང་དབྱང་དམག་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་འོག་གི་དམག་དོན་ལས་རིགས་སློབ་གསོའི་འགོ་ཁྲིད་དོ་དམ་མ་ལག་བཙུགས་ཏེ། སློབ་གསོའི་ལས་འགན་དང་། སློབ་སྦྱོང་དོ་དམ། འདེགས་སྐྱོར་འགན་ལེན། བསྔགས་སྐུལ་དང་ལྟ་སྐུལ་སོགས་ཀྱི་ནང་དོན་ཚད་ལྡན་བཟོས་པས། དཔོན་དམག་གིས་སློབ་སྦྱོང་བྱེད་པའི་སེམས་ཤུགས་འཕེལ་བ་དང་ལས་དོན་དོ་དམ་ཚད་ལྡན་དུ་གཏོང་ཆེད་ལམ་ལུགས་ཀྱི་འགན་ལེན་ནུས་ལྡན་ཐུབ་ཡོད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གིས་ཆི་ལིའི་ཙུང་ཐུང་ཕི་ཉེ་ལ་དང་ཞལ་པར་བསྐྱོན་པ། ཞི་ཅིན་ཕིང་གིས་ཐན་ཙན་ནི་ཡའི་ཙུང་ཐུང་མ་ཀུའུ་ཧྥུའུ་ལི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གླེང་སྟེཊ་འདིར་ཤིས་ཚིག་གནང་འདུག ཞི་ཅིན་ཕིང་གི་རྣམ་བཤད་གཅེས་བསྡུས་འདིའི་དབྱིན་ཡིག་དཔར་མ་བཀྲམ་པ། མཐའ་མཚམས་སྟོབས་ཆེར་གཏོང་བའི་ལས་དོན་སྐོར་གྱི་ཚོགས་འདུ་གལ་ཆེན་ཞིག