སྤྱི་ཚེས ༢༦ ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་ཉིན་གཅིག་གི་དུས་ཚོད་སྤྱད་དེ་སྤྱི་ལོ ༢༠༢༠ ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས། ལོ་གཅིག་རིང་གི་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ཚུལ་ལ་ཕྱིར་མིག་ལྟ་བ་དང་། ཏང་གཤིས་ལ་དབྱེ་ཞིབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བཅས་བྱས་པ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཚོགས་འདུ་གཙོ་སྐྱོང་གནང་ནས་ཕྱོགས་སྡོམ་གསུང་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གིས་ད་ཐེངས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་རྒྱུར་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཚོགས་འདུའི་ཐོག་ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཚབ་ཞུས་ཏེ་ལྟ་བསྡུར་ཞིབ་བཤེར་དང་རྒྱུན་ཨུའི་ཚན་ཁག་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་བཤེར་འདོན་ནན་ཏན་གནང་བ་མ་ཟད། གནད་དོན་ལྷག་པའི་རྒྱུ་རྐྱེན་ལ་དབྱེ་ཞིབ་གཏིང་ཟབ་གནང་བ་དང་འབྲེལ་དམིགས་ས་ཡོད་པའི་སྒོ་ནས་འབད་འཐབ་ཀྱི་ཁ་ཕྱོགས་དང་དག་ཐེར་བྱེད་ཐབས་ཀྱང་བཏོན་གནང་བ་རེད།
དེ་རྗེས་ཝུའུ་དབྱིང་ཅེས་སྣེ་འཁྲིད་དེ་ལྟ་བསྡུར་ཞིབ་བཤེར་གནང་བ་མ་ཟད། རང་སྐྱོན་རང་བརྗོད་དང་རྒྱུན་ཨུའི་བློ་མཐུན་ཚོས་བཏོན་པའི་སྐྱོན་བརྗོད་རང་འགུལ་ངང་དང་ལེན་ཡང་གནང་བ་རེད། བློ་བཟང་རྒྱལ་མཚན་དང་། ཆེ་དགྲ་ལྷ། ཀྲོང་ཡན། ཡན་ཅིན་ཧའེ། ཀྲང་ཞུའེ་ཅེ། བསྟན་ཁོ། ཅང་ཅེ། ཧོ་ཝུན་ཧའོ། པད་མ་དབང་འདུས། ལིའུ་ཅང་། ཝང་ཝུའེ་ཏུང་། ཁྲེན་ཡུང་ཆི་སོགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚན་ཁག་གི་ཁོངས་མི་ཚོས་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ་རེ་རེ་བཞིན་ལྟ་བསྡུར་ཞིབ་བཤེར་གནང་བ་རེད། ཝུའུ་དབྱིང་ཅེས་སྣེ་འཁྲིད་དེ་ཚང་མར་སྐྱོན་བརྗོད་དང་ལྷག་པའི་གནད་དོན་བཏོན་གནང་ནས། དག་ཐེར་གྱི་བླང་བྱ་བཏོན་གནང་བ་རེད། ཚང་མས་རང་ཉིད་ལ་འགན་འཁུར་བ་དང་བློ་མཐུན་ལ་འགན་འཁུར་བའི་རྣམ་འགྱུར་གྱི་ཐོག་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་གཏིང་ཟབ་དང་། གང་བསམ་ལྷུག་གླེང་། སྐད་ཆ་དྲང་པོ་ཤོད་པ། སྙིང་གཏམ་ཤོད་པ། སྦ་གསང་མེད་པར་རང་སྐྱོན་རང་བརྗོད་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་ཕན་ཚུན་སྐྱོན་བརྗོད་བྱེད་པ། གདོང་དམར་པོ་ཆགས་པ་དང་རྔུལ་ནག་འདོན་པ་བྱས་པས། བསམ་བློ་གཅིག་གྱུར་དང་། མཐུན་སྒྲིལ་དམ་ཟབ། ཕན་ཚུལ་ལྟ་སྐུལ། མཉམ་དུ་ཡར་རྒྱས་བཅས་ཀྱི་དམིགས་ཡུལ་འགྲུབ་ཐུབ་པ་བྱུང་ཡོད།
ཝུའུ་དབྱིང་ཅེས། གཅིག་ནས་འདུ་ཤེས་བཞི་ཟབ་ཏུ་གཏོང་བ་དང་། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་ཐུབ་པ་བཅས་ཀྱི་ཐད་མིག་དཔེ་འདོན་དགོས་པ་དང་། གཉིས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་མིག་དཔེ་འདོན་དགོས་པ། གསུམ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དང་བློ་སྦྱོང་རང་གཅུན་ཐད་མིག་དཔེ་འདོན་དགོས་པ། བཞི་ནས་རྒྱུན་སྲིང་ལྷོད་མེད་ངང་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་པའི་ཐད་མིག་དཔེ་འདོན་དགོས་པ། ལྔ་ནས་རང་ཉིད་ཀྱི་ལས་ཀ་ཡག་པོ་སྒྲུབ་པའི་ཐད་མིག་དཔེ་འདོན་དགོས་པ་བཅས་ཀྱི་བླང་བྱ་ཁ་གསལ་བཏོན་གནང་བ་རེད། །
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཞི་ཅིན་ཕིང་གིས་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ལ་གློག་འཕྲིན་བཏང་བ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་ལ་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། བོད་ལྗོངས་མི་དམངས་འཐུས་ཚོཊ་སྐབས༡༡པའི་ཚོཊ་འདུ་ཐེངས༤པ་མཇུག་སྒྲིལ་བ། བོད་ལྗོངས་སྲིད་གྲོས་སྐབས༡༡པའི་ཚོཊ་འདུ་ཐེངས༤པ་མཇུག་སྒྲིལ་བ།