གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭར་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས་: 2021ལོ་03ཟླ་03ཚེས་ 11:41 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་དར་སྤེལ་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཁྲོད་གྲུབ་འབྲས་གསར་པ་གཏོད་དགོས་ཞེས་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གི་ལས་བྱེད་པ་གཞོན་དར་གྱི་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་ལ་ལན་ཆ་བཟང་པོ་བྱུང་བ།

སྤྱི་ལོ ༢༠༢༡ ལོའི་དཔྱིད་ཀའི་སློབ་དུས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གི་ལས་བྱེད་པ་གཞོན་དར་གྱི་སྦྱོང་བརྡར་འཛིན་གྲྭའི་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། ལས་བྱེད་པ་གཞོན་དར་ནི་ཏང་དང་རྒྱལ་ཁབ་བྱ་གཞག་གི་རྒྱུད་འཛིན་པ་ཡིན་པས། ངེས་པར་དུ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་གི་རྒྱུད་འཛིན་པ་རྣམ་དག་ཅིག་བྱ་དགོས་པའི་ནན་སྟོན་གནང་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པས་མཛུབ་ཁྲིད་བྱེད་པ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་རྒྱུན་བསྲིངས་ལྷོད་མེད་ངང་དར་སྤེལ་གཏོང་བ། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་དཀའ་སྤྱད་སྡུག་རུས་ཀྱིས་ལས་དོན་དངོས་སྒྲུབ་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་གསར་པའི་ཁྲོད་གྲུབ་འབྲས་གསར་པ་གཏོད་རྒྱུ་ཡིན་ཞེས་བསྟན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་མཛད་དེ་གསར་བརྗེ་དང་འཛུགས་སྐྲུན། སྒྱུར་བཅོས་བཅས་བྱས་པར་རླབས་ཆེའི་གྲུབ་འབྲས་ཐོབ་པའི་རྒྱུ་རྐྱེན་གལ་ཆེ་ཤོས་ཤིག་ནི་རང་རེའི་ཏང་གིས་དུས་ཡུན་རིང་པོའི་ལག་ལེན་ཁྲོད་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་ཆ་ལག་ཚང་བ་ཞིག་སྐྱེད་སྲིང་དང་རྒྱུན་འཁྱོངས་བྱས་པས་ཡིན། ཏང་ལ་མི་དམངས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་དགོས་ན་ངེས་པར་དུ་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་རྒྱུན་བསྲིངས་ལྷོད་མེད་ངང་དར་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཚང་མས། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་ནང་ལས་བྱེད་པ་གཞོན་དར་ལ་མངག་བཅོལ་ཟབ་མོ་གནང་ཡོད། དུས་རབས་གོང་འཕེལ་གང་འདྲ་ཕྱིན་རུང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་ནི་ང་ཚོས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པར་སྐུལ་བའི་རྩ་ཆེའི་བསམ་པའི་རྒྱུ་ནོར་ཡིན་ཞེས་བསྟན་ཡོད། ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གི་ལས་བྱེད་པ་གཞོན་དར་གྱི་སྦྱོང་བརྡར་འཛིན་གྲྭའི་སློབ་མ་ལི་མོང་གིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་བྱེད་པ་གཞོན་དར་གྱིས་ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་ཕུལ་བྱུང་སྤྱོད་བཟང་གི་ལྷག་བསམ་དག་པའི་རྒྱུད་འཛིན་པ་ཞིག་བྱ་དགོས་པའི་བླང་བྱ་བཏོན་གནང་བའི་ཐོག་ནས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་པོ་གནང་བ་གང་ལེགས་མངོན་ཡོད། དེ་ནི་ང་ཚོའི་ངོས་ནས་བརྗོད་ན་མི་སེམས་ལ་ཟུག་ཅིང་བློ་སེམས་གཅིག་ཏུ་འདུས་པའི་བཀའ་སློབ་ནན་པོ་ཞིག་ཡིན་ཞེས་བསྟན་ཡོད།

ཧྲན་ཏུང་ཞིང་ཨུད་ཏང་གི་སློབ་གྲྭའི་༼ཧྲན་ཏུང་སྲིད་འཛིན་སློབ་གླིང་༽གི་ཏང་འཛུགས་སྐྱོང་གི་སློབ་ཁྲིད་ཞིབ་འཇུག་པུའི་ཀྲུའུ་རེན་གཞོན་པ་ཀྲའེ་ཧུང་ཧྥེན་གྱིས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་རྒྱུ་ནི་རང་རེའི་ཏང་གི་ཕུལ་བྱུང་སྲོལ་རྒྱུན་ཡིན། མིག་སྔར། རྒྱང་སྐྱོད་གསར་པའི་ཁྲོད། ང་ཚོས་ནུས་ལྡན་གྱི་མཚོན་ཆ་དེ་བློ་ཁོག་ཆེན་པོས་བེད་སྤྱོད་དང་རྒྱུན་དུ་ནས་བེད་སྤྱོད་བྱས་ཏེ། དེ་ཉིད་གོམས་གཤིས་ཤིག་དང་། རང་རྟོགས་ཤིགའགན་འཁྲི་ཞིག་བཅས་ལ་འགྱུར་བ་བྱ་དགོས་ཞེས་བསྟན་ཡོད།

ཅང་ཞི་ཞིང་ཆེན་ཅི་ཨན་གྲོང་ཁྱེར་ཅི་ཧྲུའེ་རྫོང་པ་ཏུའུ་གྲོང་རྡལ་ཏུང་ཧྥང་གྲོང་ཚོར། རྒྱལ་ཡོངས་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར། གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་ལིའུ་ཡང་ཁྲང་གིས་དབུལ་སྒྲོལ་ཁྱིམ་དུད་ཀྱི་སྣེ་ཁྲིད་དེ་གསར་དུ་གཉེར་བའི་ཤ་མོའི་རྟེན་གཞིར་ཤ་མོ་སོས་པ་འཐུ་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅིས་སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ལིའུ་ཡང་ཁྲང་ལ་སྐུལ་མ་ཆེན་པོ་ཐེབས་ཡོད། ཁོང་གིས། སླད་ཕྱིན་གྱི་ལས་ཀའི་ཁྲོད། རང་ཉིད་ནས་སེམས་རྣལ་དུ་ཕབ་པ་དང་གཞི་རིམ་དུ་ཟབ་སྐྱོད་བྱས་ཐོག སེམས་ནུས་དང་བརྩེ་བ་ཡོད་ཚད་ཀྱིས་གྲོང་མི་ཚོའི་དཀའ་ངལ་དང་རེ་སྒུག་གནད་དོན་ཐག་གཅོད་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད་མུ་མཐུད་འབད་འཐབ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོར་མདུན་སྐྱོད་ལམ་བུའི་སྟེང་སྔར་བཞིན་དཀའ་གནད་དང་འགྲན་རྩོད་མང་པོ་འཕྲད་བཞིན་ཡོད། ཉེན་ཁ་ཇི་ཙམ་ཆེ་བ་དང་། འགྲན་རྩོད་ཇི་ཙམ་མང་བ། ལས་འགན་ཇི་ཙམ་ལྕི་བ་བཅས་ཀྱི་སྐབས་སུ། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་དེ་ཙམ་གྱིས་ཤུགས་སྣོན་རྒྱག་དགོས་པ་དང་། སྤྱོད་ཚུལ་བཟང་པོར་བརྟེན་ནས་སྙིང་སྟོབས་འཕེལ་བ་དང་། ངར་ཤུགས་འཕེལ་བ། གཟུགས་བརྙན་གཏོད་པ། དམངས་སེམས་ཐོབ་པ་བཅས་བྱ་དགོས་ཞེས་གསུངས་གནང་ཡོད། དེས་རྒྱ་ཆེའི་ལས་བྱེད་གཞོན་དར་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཁྲོད་བྱས་རྗེས་འཇོག་པ་དང་བྱ་གཞག་གཏོད་རྒྱུར་འབད་འཐབ་ཀྱི་ཁ་ཕྱོགས་བསྟན་གནང་ཡོད།

ཀྲུང་དབྱང་ཏང་གི་སློབ་གྲྭའི་༼རྒྱལ་ཁབ་སྲིད་འཛིན་སློབ་གླིང་༽གི་ལས་བྱེད་པ་གཞོན་དར་གྱི་སྦྱོང་བརྡར་འཛིན་གྲྭའི་སློབ་མ་ཡུས་དབྱིང་ཅེས། ང་ཚོས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་གྱི་དགོངས་པའི་དོན་སྙིང་གཙོ་བོ་དང་ཆབ་སྲིད་ཀྱི་ནང་དོན་ལ་གོ་བ་གཏིང་ཟབ་བླངས་ཏེ། འགན་འཁུར་ལེགས་སྐྱེས་འབུལ་བ་དང་། སེམས་ཀྱིས་འགན་འཁྲི་རྟོགས་པ། ལུས་ཀྱིས་འགན་འཁྲི་ཁུར་བ། བྱ་སྤྱོད་ངོ་མའི་ཐོག་ནས་འགན་འཁྲི་སྒྲུབ་པ་བཅས་བྱ་དགོས་ཞེས་གསུངས་ཡོད།

ཀྲེ་ཅང་ཞིང་ཆེན་ཁྲང་ཤིང་རྫོང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚད་ལེན་ས་ཚིགས་ཀྱི་འགོ་གཙོ་ཀྲང་ཡུན་གྱིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱི་གཞོན་ནུ་ལས་བྱེད་ཅིག་ཡིན་པའི་ངོས་ནས། རང་ཉིད་ནས་ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་ལྟར། ལས་ཀའི་ཁྲོད་ནམ་ཡང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་མཁན་ཞིག་བྱ་རྒྱུ་དང་། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱེད་པར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་དེ་དམངས་འདོད་དང་མཐུན་པ་དང་། དམངས་སེམས་གཅིག་སྡུད་ཐུབ་པ། དམངས་ཚོར་ཕན་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་ཡོད།

བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རིག་ཁང་ཞིང་ལས་ཞིབ་འཇུག་སོའོ་ཡི་ནས་གསོ་འདེབས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་པ་སངས་གཡུ་སྒྲོན་གྱིས། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི་ཏང་ལ་ངོ་གནོང་མི་དགོས་པ་དང་། མི་དམངས་ལ་ངོ་གནོང་མི་དགོས་པ། དུས་རབས་ལ་ངོ་གནོང་མི་དགོས་པ་བཅས་ཀྱི་གྲུབ་འབྲས་ཧུར་ཐག་གཏོད་རྒྱུའི་བླང་བྱར་གཞིགས་ནས། གཞི་རིམ་གྱི་ཞིང་ལས་ཐད་དགོས་མཁོ་གང་ཡོད་མེད་ལ་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ཁྲོམ་རའི་དགོས་མཁོ་ལྟར་ནས་ཀྱི་རིགས་གསར་པ་གསོ་སྤེལ་བྱས་ཏེ། ཞིང་པ་རྣམས་ལ་ཁ་ཡོད་ལག་ཡོད་ཀྱི་འབབ་འཕར་དང་ཞིང་ལས་ཀྱི་ཕན་འབྲས་མཐོར་འདེགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གླེང་བ་ཞེས་པའི་དེབ་དཔེ་སྐྲུན་བྱས། ཞི་ཅིན་ཕིང་ནས་གྲོས་ཚོགས་གལ་ཆེན་འདི་གཙོ་སྐྱོང་གནང་འདུག ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་དབུ་ཚོགས་གཙོ་སྐྱོང་གནང་རྒྱུ་ཡིན་པ། ཞི་ཅིན་ཕིང་གིས་དཔོན་དམག་ཡོངས་ལ་ལོ་གསར་གྱི་འཚམས་འདྲི་ཞུས་པ། བོད་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཇི་ལྟར་སྤེལ་དགོས་སམ།