ཉེ་ཆར་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཀྲུའུ་ཡ་ཕིན་བཅས་པ་དང་བཞུགས་མོལ་གནང་བ་རེད།
ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧོ་ཝུན་ཧའོ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཞ་ཁེ་ཆིན་བཅས་བཞུགས་མོལ་ཚོགས་འདུར་ཕེབས་ཡོད་པ་རེད།
ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ཞིབ་དཔྱོད་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཚ་རླབས་འཕྱུར་འགོ་ཚུགས་པ་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་ ༧༠ འཁོར་བར་དགའ་བས་བསུ་བ་ཞུ་བ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་ནུས་ཤུགས་ཡོད་རྒུས་གཏོད་པ་བཅས་ཀྱི་སྐབས་སུ་བློ་མཐུན་ཀྲུའུ་ཡ་ཕིན་དང་བཅས་པས་བོད་དུ་བརྟག་ཞིབ་གནང་བར་ཕེབས་པ་དེའི་ཐོག་ནས་པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་བོད་ཀྱི་ལས་དོན་ལ་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།
ཝུའུ་དབྱིང་ཅེས་དུས་ཡུན་རིང་པོའི་ནང་པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་སྤྱི་འདོམས་བཀོད་སྒྲིག་དང་སྐུལ་འདེད་ཏན་ཏིག་བཏང་སྟེ་བོད་ཀྱི་བྱ་གཞག་ཁག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་ཕུལ་ཡོད། དེའི་སྐོར་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་ལ་བརྟན་པོར་ངེས་ཡོད། པེ་ཅིང་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་སྔར་རྒྱུན་བཞིན་ལྷ་སའི་ཞིབ་དཔྱོད་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་མུ་མཐུད་མ་དངུལ་རྣམ་གྲངས་དང་། ཤེས་ལྡན་མི་སྣའི་དཔུང་ཁག རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲུའུ་ཡ་ཕིན་གྱིས་ད་ཐེངས་བོད་དུ་བརྟག་ཞིབ་བྱེད་པའི་ལས་དོན་ཁག་ངོ་སྤྲོད་གནང་རྗེས་ཁ་གཏད་རོགས་སྐྱོར་ལས་དོན་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པས་ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིབ་དཔྱོད་ལས་སྒོ་དང་། ལས་བྱེད་ཤེས་ལྡན་མི་སྣ། སློབ་གསོ་གསོ་སྦྱོང་། ཞིབ་དཔྱོད་རིག་གནས། ཆ་འཕྲིན་ཚན་རྩལ། མ་དངུལ་རྣམ་གྲངས་སོགས་ཐད་ནས་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་ཀྱིས་ཞིབ་དཔྱོད་ཁ་གཏད་རོགས་སྐྱོར་ལས་དོན་གྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་སྔར་བས་ཆེ་རུ་གཏོང་རྒྱུའི་འགན་ལེན་བྱེད་རྒྱུ་ཡིན་ཞེས་གསུངས་པ་རེད།།
འབྲེལ་ཡོད་དཔེ་དེབ་ལྟ་ཀློག
ཞི་ཅིན་ཕིང་གི་བདུན་གཅིག་གསུང་བཤད་ཀྱི་སྙིང་བཏུས། ཞི་ཅིན་ཕིང་གིས་ས་སུའུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཏང་ཀྲུང་དབྱང་ལ་འབུལ་རྟེན་ཕུལ་བ། ལོ ༧༠ འཁོར་བའི་རྟེན་འབྲེལ་གྱི་གྲ་སྒྲིག་ལ་སྤེལ་རེས་འདི་ལྟར་གནང་འདུག ཞི་ཅིན་ཕིང་གིས་རྩོམ་སྒྲིག་པུའུ་འདིའི་ལས་མིར་འཕྲིན་ལན་སྤྲིངས་པ།