གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཝང་ཅུན་ཀྲེང་གིས་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་བ།

སྤེལ་དུས་: 2022ལོ་02ཟླ་15ཚེས་ 15:51 ཡོང་ཁུངས་: བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་་སྦྱོར།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཚེས ༡༤ ཉིན་གྱི་སྔ་དྲོ།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག་གི་བླང་བྱ་མཐའ་འཁྱོངས།རང་རྟོགས་ངང་བོད་ཀྱི་དཔལ་འབྱོར་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་དང་ཇུས་འགོད། འཛུགས་གཏོད་བཞི་དང་མདུན་གྲལ་དུ་སླེབས་པ་བཞི་འཐབ་ཇུས་བཀོད་སྒྲིག་ནང་བཞག་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས།བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

图片

ཝང་ཅུན་ཀྲེང་གིས་རིམས་འགོག་དངོས་ཟོག་གྲབས་གསོག་མཛོད་ཁང་དུ་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

ཝང་ཅུན་ཀྲེང་བོད་ཀྱི་གྲངས་གཞི་ཆེ་མོའི་འཁོར་སྐྱོད་ཚོད་འཛིན་ལྟེ་གནས་དང་རིམས་འགོག་དངོས་ཟོག་གྲབས་གསོག་མཛོད་ཁང་དུ་ཕེབས་ནས་གློག་རྡུལ་སྲིད་དོན་ཞབས་ཞུ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་དོ་དམ། ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་རྩིས་རྒྱག་སོགས་ཀྱི་ལས་སྟེགས་འཁོར་སྐྱོད་དང་རང་ལྗོངས་ཀྱིས་ཏོག་གསར་རིམས་ནད་ལ་ཁ་གཏད་གཅོག་པའི་དངོས་ཟོག་འགན་ལེན་གྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་མ་ཟད། འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོར་འཚམས་འདྲི་གནང་བ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་།ཁོང་གིས་ནན་བཤད་གནང་དོན།དྲ་སྦྲེལ་བསྣན་པའི་བྱེད་ཐབས་གང་ལེགས་སྤྱོད་པ་དང་ཆ་འཕྲིན་ཅན་གྱི་ལས་སྟེགས་ཡག་པོ་སྐྲུན་པ།སྟབས་བདེའི་ཞབས་ཞུས་མི་སེམས་དྲོ་བ་བཅས་བྱས་ནས་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་དམངས་འཚོར་ཕན་འདོགས་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ཏན་ཏིག་དང་དོན་འཁྱོལ་ཞིབ་ཕྲ་བྱས་ནས།ནུས་ཤུགས་ཡོད་རྒུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་གྱི་ལས་དོན་ཡག་པོ་སྒྲུབ་དགོས།

图片

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་འཐབ་ཕྱོགས་དང་པོའི་ལས་བྱེད་ལས་བཟོར་འཚམས་འདྲི་ཞུས་པ་དང་འབྲེལ་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཐོན་ལས་དཔལ་འབྱོར་ནི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཐོན་ལས་ཀྱི་གཙོ་གནད་འབུར་དུ་ཐོན་པ་བྱེད་པར་ཐོན་ལས་དང་པོ་བཟང་སྒྲིག་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པའི་ཆུ་ཚད་གོང་མཐོར་གཏོང་བ་བཅས་མཐའ་འཁྱོངས་དང་། ཁྱད་ལྡན་ལེགས་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག བོད་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་པ། ལྗང་མདོག་བཟོ་ལས་དང་། ལྗང་མདོག་གཏེར་ལས། ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ། རང་བྱུང་འཐུང་ཆུ། མི་རིགས་ལག་ཤེས་བཟོ་ལས། བོད་ལུགས་གསོ་རིགཞིང་འབྲོག་ཐོན་རྫས། དེང་རབས་ཚྭ་མཚོའི་ཐོན་ལས་སོགས་སྲོལ་རྒྱུན་གྱི་ཐོན་ལས་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་བྱེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ།གཙོ་གནད་ཚད་བརྒལ་གྱི་ཐོག་ནས་ཐོན་ལས་ཧྲིལ་པོ་འཕེལ་རྒྱས་འགྲོ་བར་སྣེ་ཁྲིད་དང་དངོས་ཚན་དཔལ་འབྱོར་སྟོབས་ཆེར་གཏོང་དགོས། གྲངས་འཛིན་ཐོན་ལས་ཅན་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ་དང་། ཐོན་ལས་གྲངས་འཛིན་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། གྲངས་འཛིན་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ནས།འཐབ་ཇུས་རང་བཞིན་གྱི་གསར་དར་ཀ་རྟེན་ཐོན་ལས་རྒྱུན་ཆད་མེད་པར་སྐྱེད་སྲིང་བྱེད་དགོས། ཐོན་ལས་ཀྱི་ཁྲིད་སྟོན་དང་འཆར་འགོད་ལ་ཤུགས་སྣོན་རྒྱག་པར་ནོར་ཁྲལ་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་པ། ཁྲོམ་རའི་དགོས་མཁོ་དང་ཐོན་ལས་འཕེལ་རྒྱས་ཟུང་འབྲེལ། ཐོན་ཁུངས་ཀྱི་ལེགས་ཆ་དང་ཤེས་ལྡན་མི་སྣའི་ལག་རྩལ་གྱི་ལེགས་ཆ་ཟུང་འབྲེལ་བཅས་བྱས་ཏེ།རྒྱུན་ཆད་མེད་པར་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཆགས་པར་བྱས་ནས།དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་ནུས་ལྡན་ངང་འཕེལ་བར་བྱེད་དགོས།

图片

ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གནང་བཞིན་པ།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན།ཏང་གིས་འགོ་ཁྲིད་ལ་ཤུགས་སྣོན་དང་ཆབ་སྲིད་ཀྱི་མཐོ་ཚད་ནས་དཔལ་འབྱོར་ལས་དོན་ལ་སྟངས་འཛིན་བྱེད་མཁས་པོ་བྱས་ཏེ།དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཏུ་བཏང་ནས།ལས་བྱེད་པར་སྤྱོད་གཙང་གཞུང་དྲང་དང་སྤྱོད་གཙང་རང་སྲུང་བྱེད་པའི་ཁྲིད་སྟོན་བྱས་ཏེ་དབང་ཆ་ཕྱི་གསལ་ནང་གསལ་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འགན་འཁྲི་ཁ་གསལ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པ་བཅས་བྱས་ཏེ།ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་དེ་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ལ་འགྱུར་བར་བྱས་ཏེ།དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་དམིགས་ཚད་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱེད་དགོས།།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་བསུས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་སུ་འཚམས་འདྲི་གནང་བར་ཕེབས་པ། བློ་མཐུན་ཞི་ཅིན་ཕིང་གི་ཕྱག་རྩོམ་གལ་ཆེན་ཞིག་དཔེ་སྐྲུན་བྱས་འདུག རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་གཏོང་མི་རུང་། རང་སྐྱོང་ལྗོངས་ཀྱི་ལོ་གསར་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུ་འཚོགས་པ།