གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

༼ཞི་ཅིན་ཕིང་གི་འཕྲིན་ཡིག་གཅེས་བཏུས༽དེབ་དང་པོ་འགྲེམས་སྤེལ་བྱས།

སྤེལ་དུས་: 2022ལོ་02ཟླ་17ཚེས་ 11:29 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི༼ཞི་ཅིན་ཕིང་གི་འཕྲིན་ཡིག་གཅེས་བཏུས༽དེབ་དང་པོ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པ་དང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།

འཕྲིན་ཡིག་གཅེས་བཏུས་དེབ་དེའི་ནང་།བློ་མཐུན་ཞི་ཅིན་ཕིང་གི་སྤྱི་ལོ ༢༠༡༣ ལོའི་ཟླ ༥ ནས་སྤྱི་ལོ ༢༠༢༡ ལོའི་ཟླ ༡༢ བར་གྱི་འཕྲིན་ཡིག་ཁྱོན ༢༣༩ བདམས་ཡོད་པ་དང་། དེའི་ནང་ནས་འཕྲིན་ཡིག་ཁག་གཅིག་ནི་ད་ཐེངས་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་ཡིན་པ་རེད།

འཕྲིན་ཡིག་གཅེས་བཏུས་དེབ་དེའི་ནང་། བློ་མཐུན་ཞི་ཅིན་ཕིང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་འགོ་ཁྲིད་གནང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་མཛད་པའི་དོན་དངོས་བྱེད་སྒོ་མངོན་ཡོད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་མང་ཚོགས་དང་རྒྱལ་ཁབ་ཁག་གི་སྲིད་ཏང་གི་སྲིད་དོན་མི་སྣ་དང་ལས་རིགས་ཁག་གི་མི་སྣ་དང་འགྲོ་འོང་སྤེལ་རེས་གནང་བ་བཀོད་ཡོད།འཕྲིན་ཡིག་གཅེས་བཏུས་དེབ་དེའི་ནང་དོན་གྱི་གྲས་སུ་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ཁག་གི་ཕྱོགས་གང་ས་ཅི་ཐད་ཚུད་ཡོད་པ་དང་། གལ་ཆེའི་ཆབ་སྲིད་ཀྱི་རྩ་དོན་དང་། རིགས་པའི་གཞུང་ལུགས་ཀྱི་ལྟ་བ།བྱེད་ཕྱོགས་སྲིད་ཇུས།ཏང་གཤིས་གསོ་སྦྱོང་།བསམ་བློའི་བྱ་ཐབས། ལས་དོན་སྤེལ་ཐབས།སློབ་སྦྱོང་བྱ་ཐབས་བཅས་གླེང་ཡོད་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ཞིང་། ང་ཚོས་གཏན་འཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱ་རྒྱུ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུར་འབད་འཐབ་ལྷོད་མེད་བྱ་རྒྱུ་བཅས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་མཛུབ་ཁྲིད་དོན་སྙིང་ལྡན་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་དང་ལུའོ་ཕེ་སིས་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་པ། ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་དཔྱིད་གསར་བསུས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཤིས་སུ་འཚམས་འདྲི་གནང་བར་ཕེབས་པ། ཝང་ཅུན་ཀྲེང་གིས་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དུ་བརྟག་ཞིབ་གནང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་གཏོང་མི་རུང་།