གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་དགོས།

སྤེལ་དུས་: 2022ལོ་02ཟླ་28ཚེས་ 12:25 ཡོང་ཁུངས་: ​ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལོ་རེའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཚོགས་ཆུང་ཁག་གཅིག་གི་གྲོས་ཞིབ་དང་གྲོས་བསྡུར་ནང་ཞུགས་ནས། འཐུས་མི་དང་ཨུ་ཡོན་ཚོ་དང་ལྷན་དུ་རྒྱལ་དོན་ཐད་གྲོས་མོལ་གནང་གི་ཡོད་པ་དང་། དེའི་རིང་སྤེལ་བའི་གལ་ཆེའི་གསུང་བཤད་ཀྱིས་ཐུན་མོང་ངོས་འཛིན་གཅིག་སྡུད་དང་སེམས་ཤུགས་སྐུལ་སྤེལ་ཐུབ་པ་མ་ཟད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་ཡང་མཛད་ཡོད། དམིགས་བསལ་ཇུས་བཀོད་ལེ་ཚན་༼སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཆེད་དུ༽ཞེས་པ་ལས་དེ་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་པ་གཏོང་སྤེལ་ཞུ་རྒྱུ་ཡིན།

ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་ར་མོ་ཆེ་གཙུག་ལག་ཁང་ཁྲོམ་ལམ་ནི་བོད་ལྗོངས་ཀྱི་འཁྲུག་ཆ་དོད་ཤོས་ཀྱི་མི་རིགས་ཚོང་གྲོང་ཞིག་ཡིན་པ་དང་། ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་མི་རིགས་ཁག་གི་ཚོང་དུད་རྣམས་དེ་གར་འདུས་ཡོད། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་སུ། ར་མོ་ཆེ་གཙུག་ལག་ཁང་ཁྲོམ་ལམ་གནས་སའི་རྗེ་འབུམ་སྒང་སྡེ་ཁུལ་དུ་ལྷན་དུ་དུས་ཆེན་དགའ་སྟོང་བྱེད་ཅེས་པ་དང་། མི་རིགས་ཀྱི་འཆད་སྟེགས་ཆེན་མོ་ཞེས་པ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་འཇམ་དབྱངས་བསྟན་འཛིན་གྱིས། སྡེ་ཁུལ་གྱིས་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས་སོགས་མི་རིགས་ཁག་གི་མང་ཚོགས་རྣམས་མི་རིགས་མཐུན་སྒྲིལ་གྱི་སྒོ་ར་ཆེན་པོའི་ནང་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་བརྗོད་དོན་གཙོ་བོའི་མཉམ་སྤྲོའི་བྱེད་སྒོ་སྤེལ་ནས་ཕན་ཚུན་ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། ཁུལ་ཁོངས་ཀྱི་མང་ཚོགས་ནས་སེ་འབྲུའི་འབྲུ་གུ་ལྟར་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་ཁྲིད་སྟོན་བྱས་ཡོད་ཅེས་གསུངས་ཡོད།

སྤྱི་ལོ ༢༠༡༣ ལོའི་ཟླ ༣ ཚེས ༩ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པ་དང་། བློ་བརྟན་འགྱུར་མེད་ངང་དམངས་འཚོར་འགན་སྲུང་དང་ལེགས་བཅོས་མཐའ་གཅིག་ཏུ་བྱེད་པ། བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་སྲ་བརྟན་དང་གོང་འཕེལ་མཐའ་གཅིག་ཏུ་གཏོང་དགོས་ཞེས་བསྟན་གནང་ཡོད།

སྤྱི་ལོ ༢༠༢༡ ལོའི་ཟླ ༥ པར། ཧུའུ་པེ་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་ཀྱི་གྲས་ཡིན་པའི་ཁྱོན་ཡོངས་ནས་རིག་ནུས་མངོན་གྱུར་ཐུབ་པའི་བོད་བྱའི་ཐོན་ལས་གླིང་ཁུལ་ཞིག་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་བཀོལ་གཉེར་བྱེད་བཞིན་ཡོད། ཁེ་ལས་ཀྱི་འགན་ཁུར་བ་ཀྲང་པོ་ཡིས། ང་ཚོའི་འདི་གར་གཏན་འཇགས་ལས་མི ༩༡ དང་། དུས་ཚིགས་རང་བཞིན་གྱི་ལས་མི ༢༠༠ ཙམ་ཡོད་པ་དང་། རིམ་རྩིས་བྱས་ན་ཁོང་ཚོར་ཁྱོན་གླ་ཆ་སྒོར་ཁྲི ༣༤༠༠ ཙམ་སྤྲད་པ་ཡིན། ད་ལྟ་ཀུང་སིའི་རྐང་འཛིན་ལག་རྩལ་བ་བརྒྱ་ཆ ༨༠ ཚང་མ་ང་ཚོའི་བོད་རིགས་སྤུན་ཟླ་ཡིན་ཞེས་གསུངས་ཡོད།

ཉེ་བའི་ལོའི་རིང་། བོད་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མ་ལག་གི་འདུ་ཤེས་དེ་མི་རིགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་པ་དང་། མི་རིགས་ཁག་གི་མང་ཚོགས་ཚོའི་བསམ་བློ་འདུ་ཤེས་དང་། འཚོ་བ་སྐྱེལ་ཐབས་སོགས་དེང་རབས་ཅན་གྱི་ཕྱོགས་སུ་འགྱུར་ལྡོག་འགྲོ་བར་ཁྲིད་སྟོན་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ སེམས་པ་གཅིག་སྒྲིལ་དང་། བློ་གཏད་བཅོལ་རེས་ཐུབ་པ་བྱུང་ཡོད། བོད་རང་སྐྱོང་ལྗོངས་མི་རིགས་བྱ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཏུང་མའེ་ཡིས། ཀྲུང་ཧྭ་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་སྤྱི་གླིང་དང་། ཀྲུང་ཧྭ་རིག་གནས་ཀྱི་སྤུས་ལེགས་ཐོན་རྫས་བརྒྱུད་སྤེལ། ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་སོགས་འཛུགས་སྐྲུན་ལས་གྲྭ་ནུས་ཤུགས་ཡོད་རྒུས་ལག་ལེན་བསྟར་བས། མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་དེ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཁྲག་རྒྱུན་ཁྲོད་ལེགས་པར་སིམ་སྟེ། མི་རིགས་ཁག་གི་མང་ཚོགས་ནས་མཉམ་དུ་དུས་ཆེན་དགའ་གཏོང་དང་། མཉམ་དུ་རིག་གནས་བརྒྱུད་སྤེལ། མཉམ་དུ་ལོ་རྒྱུས་རྩོམ་པ། མཉམ་དུ་བསམ་པའི་ཁྱིམ་གཞིས་འཛུགས་སྐྱོང་སོགས་བྱེད་པའི་རྣམ་པ་བཟང་པོ་ཞིག་གྲུབ་ཡོད་ཅེས་གསུངས་པ་རེད།

སྤྱི་ལོ ༢༠༡༧ ལོའི་ཟླ ༣ པའི་ཚེས ༡༠ ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པའི་ཤིན་ཅང་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་གནས་ས་དང་། ཤིན་ཅང་གོང་འཕེལ་དང་ཡར་རྒྱས་ཡོང་བ་བྱེད་པའི་རྩ་བ་གནས་ས་དེ་ཡིན་ཞེས་ནན་སྟོན་གནང་ཡོད།

ཤིན་ཅང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་མ་ལག་གི་འདུ་ཤེས་བརྟན་དུ་གཏོང་རྒྱུ་དེ་མི་རིགས་ལས་དོན་གྱི་གཙོ་ཐིག་དུ་བཟུང་ནས། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པ་དང་། མི་རིགས་མཐུན་སྒྲིལ་གྱི་མཉམ་སྤྲོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་བས། ཤིན་ཅང་ཧྲིལ་པོར་ལས་བྱེད་ལས་བཟོ་ཁྲི ༡༢༠ ལྷག་ཙམ་དང་། མི་རིགས་ཁག་གི་གཞི་རིམ་མང་ཚོགས་ཀྱི་དུད་ཁྱིམ་ཁྲི ༡༦༠ ལྷག་ཙམ་བར་གཉེན་ཉེ་ལྟར་གྱི་འབྲེལ་བ་བཙུགས་ཡོད་པ་རེད།

ལོ ༡༨ ལ་སོན་པའི་མེའར་ཡེ་མུ་·ཁེ་དབྱི་མུ་ད་ལོ་སློབ་གྲྭ་ཆེན་མོ་འགྲིམ་མ་ཐག་ཡིན། ཁ་ཧྲེ་ས་ཁུལ་ཅ་ཧྲི་རྫོང་ཤ་ཕུ་ཐུ་ལེ་གྲོང་རྡལ་སྲིད་གཞུང་གི་ལས་བྱེད་པ་དབྱི་ཤིན་ལིས་ནི་མེའར་ཡེ་མུས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་ཞེས་པའི་བྱེད་སྒོའི་ཁྲོད་ནས་ངོ་ཤེས་ནས་འབྲེལ་བ་བཙུགས་པ་ཞིག་རེད། མེའར་ཡེ་མུ་·ཁེ་དབྱི་མུ་ཡིས། ང་རང་མཐོ་འབྲིང་ལོ་རིམ་གསུམ་པ་འགྲིམ་སྐབས་ཨ་ཅག་གིས་རྟག་ཏུ་ང་ལ་ཟུར་ཁྲིད་བྱེད་པར་ཡོང་གི་ཡོད། ང་རང་མཐོ་རྒྱུགས་བཏང་ཚར་བའི་རྗེས་སློབ་གྲྭ་གང་དུ་ཐོ་རྒྱག་དགོས་མིན་མི་ཤེས་པའི་སྐབས་སུའང་ཨ་ཅག་གིས་ང་ལ་སློབ་གྲྭ་དང་ཆེད་ལས་འདེམས་རོགས་གནང་བྱུང་། ང་རང་ལ་དགའ་སྐྱོ་གང་ཞིག་བྱུང་རུང་ཚང་མ་ཨ་ཅག་ལ་ཤོད་ཀྱི་ཡོད་ཅེས་བརྗོད་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཨ་ཁུ་ཁུའར་པན་གྱི་ཡང་ཚ་རུ་ཁེ་ཡ་མོ་·མེ་ཐེ་སའེ་ཏིས་དེའི་གོང་སྤྱི་ཁྱབ་ཧྲུའུ་ཅིར་འཕྲིན་ཡིག་སྤྲིངས་ནས། ཤིན་ཅང་གི་འཕོ་འགྱུར་དང་ཁོང་ཚོས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་པ་སྙན་སེང་ཞུས་པ་རེད། དེང་གི་ཆར་ཁོང་ནི་ཤིན་ཅང་ཡུལ་ཐན་རྫོང་ཁུའར་པན་·ཐུ་ལུ་མུ་དྲན་གསོ་ཁང་གི་འགྲེལ་བརྗོད་པ་ཞིག་རེད། རུ་ཁེ་ཡ་མོ་·མེ་ཐེ་སའེ་ཏིས། ང་ཚོས་རང་གི་མིག་འབྲས་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱེད་པ་དང་། རང་གི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱེད་བཞིན་ཡོད། ངས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་མུ་མཐུད་ཡག་པོ་བརྗོད་རྒྱུ་དང་། བྱ་སྤྱོད་ངོ་མའི་ཐོག་ནས་མེས་རྒྱལ་གྱི་འཛུགས་སྐྲུན་གོང་འཕེལ་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་ཡོད།

དེང་གི་ཤིན་ཅང་དུ་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟམ་མི་ཆད་པར་གཏིང་ཟབ་ཏུ་འགྲོ་བ་དང་ཆབས་གཅིག མི་རིགས་ཁག་མཉམ་འདྲེས་རྣམ་པའི་སྤྱི་ཚོགས་ཀྱི་གྲུབ་གཞི་དང་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་བས། མིག་སྔར་མཉམ་འདྲེས་རྣམ་པའི་གྲོང་ཚོ་དང་སྡེ་ཁུལ ༤༧༨༣ དང་གྲོང་ཁུལ ༩༢༢༣ གྲུབ་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་ནས་སྲིད་གྲོས་ཨུ་ཡོན་ལ་གཟིགས་གནང་བ། ཞི་ཅིན་ཕིང་ནས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཐད་འདི་ལྟར་གསུངས། ཞི་ཅིན་ཕིང་ནས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོཊ་གཙོ་སྐྱོང་གནང་། ཞི་ཅིན་ཕིང་ནས་ཀྲུང་གོའི་གངས་འཁྱཊ་ལུས་རྩལ་པར་འཕྲིན་ལན་སྤྲིངས་པ།