ཟླ ༣ ཚེས ༢༨ ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ནས་ཉེ་ཆར་ཀྱི་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་གནང་བ་རེད། ཚོགས་འདུ་འགོ་ཚུགས་སྐབས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གྲོས་མགོ་བཏོན་པ་དང་། ཚོགས་འདུར་ཞུགས་མཁན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་སོགས་ཚང་མ་ཡར་བཞེངས་ནས ༣.༢༡ ཤར་ཕྱོགས་མཁའ་འགྲུལ་ཀུང་སིའི་MU༥༧༣༥ གནམ་གྲུའི་འཕུར་སྐྱོད་དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླ་ཡོངས་ལ་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།།