གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་ནས་ཝུའུ་ཆི་ཆིར་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ།

སྤེལ་དུས་: 2022ལོ་04ཟླ་06ཚེས་ 11:38 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

སྤྱི་ཟླ ༤ པའི་ཚེས ༥ ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ལའེ་ཁེ་སང་ཏར་ཝུའུ་ཆི་ཆིར་གློག་འཕྲིན་བཏང་ནས། ཁོང་སེར་ཝེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་ཐོན་བྱུང་སྟེ། ལས་ཁུར་བསྟུད་འཛིན་ཐུབ་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་སེར་ཝེ་ཡའི་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་གོང་འཕེལ་མགྱོགས་པོ་འགྲོ་བའི་འཕེལ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད། རྒྱལ་ཁབ་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་བ་དང་། དངོས་གཉེར་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འཕོ་འགྱུར་ཆེན་པོའི་མདུན་དུ། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ལྟ་སྟངས་འཛིན་པ། ལག་གདང་དཔུང་སྦྲེལ་གྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས། རྒྱལ་སྤྱིའི་གཞུང་དྲང་དྲང་བདེན་ལ་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ང་རང་ནས་ཀྲུང་ཝེའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། ཙུང་ཐུང་ཝུའུ་ཆི་ཆིའི་དབར་བཙུགས་པའི་ལས་ཀའི་འབྲེལ་བ་བཟང་པོ་དང་མཛའ་གྲོགས་འབྲེལ་བར་གཅེས་འཛིན་བྱེད་ཀྱི་ཡོད། ཙུང་ཐུང་ཝུའུ་ཆི་ཆི་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་གཏུགས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་གཉིས་པོའི་ཆབ་སྲིད་ཡིད་ཆེས་བརྟན་དུ་གཏོང་བ། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་གོ་དང་སེར་ཝེ་ཡའི་འབྲེལ་བར་གྲུབ་འབྲས་གསར་པ་ཟམ་མི་ཆད་པ་ཐོབ་རྒྱུར་སྣེ་ཁྲིད་དེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་འདོད་ཡོད་ཅེས་བསྟན་འདུག །


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་སྨི་ཤེར་དང་ཧྥོང་ཏེ་ལའེ་ཨེན་དང་མཇལ་འཕྲད་གནང་བ། ཞི་ཅིན་ཕིང་རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་པ། ཞི་ཅིན་ཕིང་སོགས་འགོ་ཁྲིད་ཀྱིས་མྱ་ངན་ཞུས། དམག་ཡོངས་ནས་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་ལེན་བསྟར་བཞིན་པ།