གཞིས་རྩེའི་ཇོ་མོ་གླང་མའི་ཏང་འཛུགས་དྲ་བ། |

ཞི་ཅིན་ཕིང་གིས་དྲུག་གཅིག་བྱིས་པའི་དུས་ཆེན་ལ་སྨོན་འདུན་ཞུས་པ།

སྤེལ་དུས་: 2025ལོ་05ཟླ་28ཚེས་ 10:39 ཡོང་ཁུངས་: ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཡིག་ཚུགས་: [ཆེ་] [ནང་དུ་འདུས་ཡོད་] [ཆུང་] [གཏག་པར་] [ཁ་རྒྱབ།]

དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སླེབས་ཉེར་ཡོད་པའི་སྐབས་སུ། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་ཚེས ༢༧ ཉིན་གྱི་སྔ་དྲོ་པེ་ཅིང་དུ་འགོ་ཚུགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ཏེ་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་དང་། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་པ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་མ་ཟད། རྒྱལ་ཡོངས་ཀྱི་གྲོགས་པོ་ཆུང་ཆུང་ཚོར་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་ནང་། ལོ་ཆུང་བྱིས་པ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་འབྱུང་འགྱུར་གྱི་གསོན་ཤུགས་དམག་ཡིན་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་ནི་ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བའི་སློབ་གྲྭ་ཆེན་པོ་ཞིག་རེད། རྒྱང་སྐྱོད་ལམ་བུ་གསར་པའི་ཐོག ལོ་ཆུང་གདོང་ལེན་རུ་ཁག་གིས་རུ་ཁག་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཏང་གི་རྗེས་སུ་བསྐྱོད་པ་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱུན་འཛིན་པ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལ་དམིགས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་གསོ་སྐྱོང་བྱ་རྒྱུར་གཞིགས་ཏེ། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་རྣམས་ཀྱིས་ཏང་གཅེས་རྒྱལ་གཅེས་དང་། སློབ་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་བརྩོན་ལེན་བྱེད་དགོས་པའི་ཐད་སློབ་གསོ་དང་སྣེ་ཁྲིད་བྱ་དགོས། ཏང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཁྱོན་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། གུང་གཞོན་སྡེ་ཚོགས་རྩ་འཛུགས་ཀྱིས་ཚོགས་པ་ཡོངས་ནས་རུ་ཁག་གི་སྣེ་ཁྲིད་བྱེད་པའི་འགན་འཁྲི་བརྟན་དུ་བཏང་སྟེ། ལོ་ཆུང་བྱིས་པ་བདེ་ཐང་ངང་འཚར་ལོངས་ཡོང་བར་ཁོར་ཡུག་དང་ཆ་རྐྱེན་བཟང་པོ་བསྐྲུན་པ་དང་། ལོ་ཆུང་གདོང་ལེན་རུ་ཁག་གི་བྱ་གཞག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་འགོ་ཚུགས་ཚོགས་འདུར་ཞུགས་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཧྲི་ཐའེ་ཧྥེང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་མ་ཟད་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་གནང་ཡོད། ཁོང་གིས། ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཁྱོན་ཡོངས་འགོ་ཁྲིད་རྒྱུན་འཁྱོངས། ཏང་འཛུགས་ཀྱིས་སྡེ་ཚོགས་འཛུགས་སྐྱོང་དང་རུ་ཁག་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ཕྲུ་གུ་ཚོར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་གཏོད་དགོས། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་ཡིད་ལ་བརྟན་པོར་ངེས་པ་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པ། ཀྲུང་ཧྭ་ཡི་རིག་གནས་རྒྱུན་འཛིན་བྱེད་པ། འབད་འཐབ་སྙིང་སྟོབས་རྒྱུན་འཛིན་བྱེད་པ་བཅས་བྱས་ཏེ། ཏང་གཅེས་རྒྱལ་གཅེས་དང་། སློབ་ལ་བརྩོན་པ། ཕྱོགས་ཡོངས་འཕེལ་རྒྱས་བཅས་ཀྱི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་ཏུ་འགྱུར་རྒྱུའི་བརྩོན་ལེན་བྱེད་པ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཆེད་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཞུའེ་ཁེ་ལའེ་ཐི་·ཀྲ་ཁེར་དང་། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡུའེ་ཡུའེ་བཅས་ཚོགས་འདུར་ཞུགས་པ་རེད།

ཚོགས་ཆེན་གྱི་འགོ་ཚུགས་ཚོགས་འདུའི་ཐོག གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་པོ་ཨ་ཏུང་དང་། སློབ་གསོ་པུའི་པུའུ་ཀྲང་གཞོན་པ་ཝང་ཅ་དབྱི་ཡིས་ཁག་སོ་སོར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་སློབ་གསོ་པུའི་ཚབ་ཞུས་ནས་ཤིས་ཚིག་བསྒྲོན་གནང་ཡོད། ལོ་ཆུང་གདོང་ལེན་རུ་མིའི་འཐུས་མིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ཤིང་། ལོ་ཆུང་གདོང་ལེན་རུ་ཁག་རྩ་འཛུགས་ཀྱི་སློབ་སྦྱོང་དང་ལག་ལེན་ཁྲོད་འཚར་ལོངས་བྱུང་བའི་གཏམ་རྒྱུད་སྙན་སེང་ཞུས་ཡོད། ཚོགས་ཆེན་ཐོག་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་མཉམ་སྡེབ་འཐུས་མིར་བྱ་དགའ་སྤྲད་ཡོད། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝང་དབྱི་ཡིས་སྐབས་བརྒྱད་པའི་རྒྱལ་ཡོངས་ལོ་ཆུང་བྱིས་པའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་ཞུ་གནང་ཡོད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མི་དམངས་ཚོགས་པའི་འགན་འཁུར་བློ་མཐུན་དང་། རྒྱལ་ཡོངས་ལོ་ཆུང་གདོང་ལེན་རུ་ཁག་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་འཐུས་མི། རྒྱལ་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ལོ་ཆུང་གདོང་ལེན་རུ་ཁག་མཉམ་སྡེབ་ཀྱི་འཐུས་མི། པེ་ཅིང་གྲོང་ཁྱེར་གྱི་ལོ་ཆུང་གདོང་ལེན་རུ་མི་དང་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པའི་འཐུས་མི་སོགས་མི ༣༠༠༠ ཙམ་འགོ་ཚུགས་ཚོགས་འདུར་ཞུགས་ཡོད་པ་རེད།།


འབྲེལ་ཡོད་དཔེ་དེབ་ལྟ་ཀློག

ཞི་ཅིན་ཕིང་གིས་ཧྥུ་ཏན་སློབ་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། ཞི་ཅིན་ཕིང་གིས་ཧོ་ནན་དུ་གནང་བའི་གསུང་བཤད་ལ་ལན་ཆ་ཆེན་པོ་བྱུང་བ། ༼བདེན་འཚོལ༽དུས་དེབ་ཐོག་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་སྤེལ་བ། ཞི་ཅིན་ཕིང་ཚོགས་འདུ་འདིའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ།